སྒྱུར – Tibetan verb conjugation

Tibetan verb forms of སྒྱུར

Verb: སྒྱུར

Transitivity: transitive
Meaning: ལམ་ལུགས་དང་ངོ་བོ་རྣམ་པ་ཕྱོགས་སོགས་འགྱུར་ལྡོག་འབྱུང་དུ་འཇུག་པའི་དོན།, རིག་གནས་གང་ཞིག་སྐད་ཡིག་གཞན་ནས་གཞན་དུ་ཕབ་པའི་དོན།, རོལ་མོ་སོགས་ལས་སྐད་ཀྱི་འགྱུར་བ་སྣ་ཚོགས་འབྱུང་དུ་བཅུག་པའི་དོན།, གྲངས་ཀ་ཞིག་གྲངས་ཀ་གཞན་ཞིག་གི་ལྡབ་ཁ་ཤས་སུ་འཕར་འཇུག་པའི་དོན།, གར་འཁྲབ་པ་སོགས་ལུས་ཀྱི་ཉམས་སྣ་ཚོགས་བསྟན་པའི་དོན།, དགྲ་དང་བགེགས་སོགས་ཕར་བསྐྲད་པའམ་བཟློགས་པའི་དོན།, དབང་དུ་སྡུད་པའི་དོན།

Verb Forms

Tibetan Script

Presentསྒྱུར
Futureབསྒྱུར
Pastབསྒྱུར
Imperativeསྒྱུར

Transliterated

Presentsgyur
Futurebsgyur
Pastbsgyur
Imperativesgyur

Examples

Present: ལྕགས་གསེར་ལ་སྒྱུར་བྱེད་ཀྱི་རྩི་སྨན།, སྒྱུར་བྱེད་ལོ་པཎ་གྱི་ཆེ་བ།, སྐད་སྙན་མོའི་གླུ་དབྱངས་སྒྱུར་མཁན་ཁྱེད་ལ་དགའ།, སྒྱུར་བྱེད་ལྔ་དང་དྲུག, གོམ་སྟབས་སྒྱུར་བཞིན་གླུ་བླངས།, ལྟས་ངན་དགྲ་ལ་སྒྱུར་བྱེད་ཀྱི་ཆོ་ག, དབང་སྒྱུར་བྱེད་བཞིན་ཡོད།
Future: ལྕགས་གསེར་ལ་བསྒྱུར་ན་ཧ་ཅང་བཟང་།, བསྒྱུར་བྱ་ཆོས་ཀྱི་ཆེ་བ།, སྙན་པའི་གླིང་བུ་བསྒྱུར་ན་སུ་ཡིས་མི་ཉན།, བསྒྱུར་བྱའི་བརྒྱ་དང་སྟོང་།, སང་ཉིན་ཁྲོམ་ཆེན་གྱི་དབུས་སུ་གར་བསྒྱུར་དགོས།, བསྒྱུར་བྱའི་གནོད་པ།, ས་ཁུལ་གཞན་ལ་དབང་བསྒྱུར་དགོས།
Past: ལྕགས་གསེར་དུ་བསྒྱུར་ནས་དགེ་འདུན་པའི་འཚོ་བ་སྦྱར།, གནའ་དུས་ཆོས་གཞུང་མང་པོ་བོད་སྐད་དུ་བསྒྱུར་འདུག, མགྲིན་པའི་གླིང་བུ་བསྒྱུར་ནས་ཁྲོམ་ཆེན་པོ་སྐྱིད་ལ་བསྐུར།, བརྒྱ་ལྔ་ཡིས་བསྒྱུར།, གར་བསྒྱུར་ནས་མི་སེམས་བཀུག, ཆོ་འཕྲུལ་དགྲ་ལ་བསྒྱུར་ནས་ནུས་པ་བསྟན།, དབང་བསྒྱུར་ནས་མངའ་ཁོངས་སུ་བཅུག
Imperative: ལྕགས་གསེར་ལ་སྒྱུར་ཅིག་ལྟ་བུ།, ཕྱི་ཡི་རིག་གནས་རང་སྐད་དུ་སྒྱུར་ཅིག་ལྟ་བུ།, སྙན་པའི་གླིང་བུ་སྒྱུར་དང་ཡིད་འོང་གི་མཛེས་མ་ལྟ་བུ།, སྟོང་ཕྲག་གཅིག་བཅུ་ཡིས་སྒྱུར་དང་ལྟ་བུ།, སྙན་པའི་གླུ་ལོངས་མཛེས་པའི་གར་སྒྱུར་ཅིག་ལྟ་བུ།, བྱད་ཁ་ཕུར་ཁ་དགྲ་ལ་སྒྱུར་ཅིག་ལྟ་བུ།, གཞན་ལ་དབང་སྒྱུར་ཅིག་ལྟ་བུ།