Verb: རྡུང
Transitivity: transitive
Meaning: རོལ་མོའི་རིགས་དཀྲོལ་བའི་དོན།, རྡེག་པའི་དོན།, དངོས་པོ་རྣམས་ཤུགས་ཀྱིས་སིལ་བུའམ་ཕྲ་མོ་བྱས་པའི་དོན།, འཐོར་བ་དང་སིལ་བའི་དངོས་པོ་རྣམས་ཐོ་བ་སོགས་ཀྱིས་ཕྱོགས་གཅིག་ཤུགས་ཀྱིས་སྦྱར་ནས་མཁྲེགས་པོ་བཟོ་བའི་དོན།, རྐང་བྲོ་འཁྲབ་པའི་དོན།, ནོར་ལུག་སོགས་ཀྱིས་མགོ་བོའམ་རྭ་ཅོ་ཡིས་ཤུགས་ཀྱིས་བསྣུན་པའི་དོན།
Verb Forms
Tibetan Script
| Present | རྡུང་ |
| Future | བརྡུང་ |
| Past | བརྡུངས |
| Imperative | རྡུངས |
Transliterated
| Present | rdung- |
| Future | brdung- |
| Past | brdungs |
| Imperative | rdungs |
Examples
Present: རྔ་རོལ་རྡུང་བཞིན་གར་འཆམ།, དགྲ་རྡུང་གིན་འདུག།, དེ་རིང་སྨན་རྡུང་བཞིན་ཡོད།, གྱང་རྡུང་བཞིན་གླུ་ལེན།, གླུ་ལེན་ཞོར་བྲོ་རྡུང་གིན་འདུག།, གཡག་གིས་རྡུང་གིན་འདུག།
Future: ལྷ་སྤྱན་འདྲེན་དུ་སིལ་སྙན་བརྡུང་།, རྐུན་ཇག་བརྡུང་དགོས།, རྡོ་སྨན་རྣམས་ཞིབ་མོར་བརྡུང་དགོས།, ལྕགས་ཚ་ཐོག་ལ་བརྡུང་དགོས།, སྐྱེ་སྐར་ལ་བྲོ་བརྡུང་གི་ཡིན།, གཡག་གིས་བརྡུང་ན་ཉེན་ཆེ།
Past: རོལ་མོ་བརྡུངས་ནས་བསུས།, བཙོན་མ་བརྡུངས་ནས་ཤི།, སྨན་བརྡུངས་ནས་ཐུམ་བརྒྱབས།, ཟངས་བརྡུངས་ནས་ལྷ་སྐུ་བཟོས།, བྲོ་བརྡུངས་ནས་ཐང་ཆད།, རྔོན་པ་འབྲོང་གིས་བརྡུངས་ནས་བསད་ལྟ་བུ།
Imperative: གླུ་དང་མཉམ་དུ་སྒྲ་སྙན་རྡུངས་ལྟ་བུ།, ཇག་པར་རྡུངས་ཤིག་ལྟ་བུ།, སྨན་ཧྲོབ་རྡུངས་ཤིག་ལྟ་བུ།, ཐོ་བས་ལྕགས་རྡུངས་ཤིག་ལྟ་བུ།, སྟོན་མོ་ལ་བྲོ་རྡུངས་ཤིག་ལྟ་བུ།
Other
Verbs conjugated like རྡུང
རྒྱུང,
སྐྱུང,
སྒྱིང,
སྒྲེང,
སྒྲུང,
རློང,
རླིང,
རྩེང,
རྡུང,
སྲིང,
རྙོང,
སྟུང,
སྙུང,
སྙེང,
སྐུང,
Translations